- 专辑介绍
- 歌词
- 专辑列表
Tbang2017·呈
-
远去的百灵(尼玛才让)
作词:伯乐 作曲:尼玛才让
ཚིག ཤ་ཟན་རྩམ་པ་དགའ། དབྱངས ཉི་མ་ཚེ་རིང་། གཞས་པ ཉི་མ་ཚེ་རིང་། སྐུ་ཁྱེད་རང་བཞུགས་དུས་གངས་ནས་རྩེ། སེང་དཀར་མོ་མཉམ་དུ་ཡང་ཡང་རྩེ། སྐུ་ཁྱེད་རང་དེང་སང་རྒྱང་ལ་ཕེབས། གངས་དཀར་པོ་སྟོང་བར་ལུས་འདི་སྐྱོ། སེང་དཀར་མོ་ཡོངས་ཀྱིས་ཁྱེད་རང་དྲན། ཟླ་བཞི་བ་སླེབས་དུས་ལྷག་ཏུ་དྲན། བྱ་ཁུ་བྱུག་གྲགས་ན་དེ་ལས་དྲན། སྐུ་ཁྱེད་རང་བཞུགས་དུས་རྫ་ནས་རྩེ། འབྲོང་རུ་དམར་མཉམ་དུ་ཡང་ཡང་རྩེ། 更多更详尽歌词 在 ※ Mojim.com 魔镜歌词网 སྐུ་ཁྱེད་རང་དེང་སང་རྒྱང་ལ་ཕེབས། རྫ་སྨུག་པོ་སྟོང་བར་ལུས་འདི་སྐྱོ། འབྲོང་རུ་དམར་ཡོངས་ཀྱིས་ཁྱེད་རང་དྲན། ཟླ་བཞི་བ་སླེབས་དུས་ལྷག་ཏུ་དྲན། བྱ་ཁུ་བྱུག་གྲགས་ན་དེ་ལས་དྲན། སྐུ་ཁྱེད་རང་བཞུགས་དུས་ཁྲོམ་ནས་རྩེ། གྲོགས་སྤུན་ཟླ་མཉམ་དུ་ཡང་ཡང་རྩེ། སྐུ་ཁྱེད་རང་དེང་སང་རྒྱང་ལ་ཕེབས། ཁྲོམ་ཆེན་པོ་སྟོང་བར་ལུས་འདི་སྐྱོ། གྲོགས་སྤུན་ཟླ་ཡོངས་ཀྱིས་ཁྱེད་རང་དྲན། ཟླ་བཞི་བ་སླེབས་དུས་ལྷག་ཏུ་དྲན། བྱ་ཁུ་བྱུག་གྲགས་ན་དེ་ལས་དྲན། བྱ་ཁུ་བྱུག་གྲགས་ན་དེ་ལས་དྲན།
-
|