魔镜歌词网
魔镜歌词网 > 女生歌手 > 忠措 > 欢庆迎新年 > 欢庆迎新年

忠措



歌词
专辑列表

忠措

欢庆迎新年

作词:抵港曲央
作曲:忠措、 索南多杰

བཀྲ་ཤིས་ལོ་སར་བསུ་བའི་མཆོད་པ།

ཚིག དེའུ་སྒང་ཆོས་དབྱིངས།
དབྱངས། བསོད་ནམས་སྟོབས་རྒྱལ།
ལེན་མཁན། སྒྲོན་འཚོ།

སྐྱ་རེངས་དང་བོ་གསལ་ལེར་འཆར་ནས་ཡོང་།།
གནམ་ལོ་གསར་བའི་ཉིན་མོ་མགྲོན་དུ་བསླེབས།།
རེ་སྨོན་གསར་བའི་དབུ་ཁྱུད་ཐོག་མ་ལ།།
དགའ་བའི་འཛུམ་གྱི་མེ་ཏོག་མཉམ་དུ་བཞད།།
བསོ་ཡ་ལ།
དེ་རིང་བོད་པའི་ལོ་སར་བཟང་།
དེ་རིང་སྐྱིད་པའི་ཉིན་མོ་རེད།
ང་ཚོས་མཉམ་དུ་གླུ་ཞིག་ལེན།
ངས་ཚོས་མཉམ་དུ་བྲོ་ཞིག་འཁྲབ།

སྐྱིད་པའི་ལོ་སར་དགའ་སྟོན་བསུ་ནས་ཡོང་།།
གོས་ལྭ་གསར་བ་ལུས་ཀྱི་རྒྱན་དུ་ཆེ།།
རྟགས་དང་སྟོན་མོ་ཨ་འགྲིག་ཆ་འགྲིག་ལ།།
གླུ་དང་གར་གྱི་དགའ་སྐྱིད་ཡོ་ལང་རྒྱས།།
བསོ་ཡ་ལ།
དེ་རིང་བོད་པའི་ལོ་སར་བཟང་།
དེ་རིང་སྤྲོ་བའི་ཉིན་མོ་རེད།
ང་ཚོ་མཉམ་དུ་རྩེད་ལ་འགྲོ།
ང་ཚོ་མཉམ་དུ་གར་ལ་འགྲོ།

དཀར་དམར་ཟས་ཀྱི་སྡེར་ཁས་བརྒྱན་ནས་ཡོང་།།
ཕ་མ་སྤུན་མཆེད་གཡང་ཁྱིམ་གཅིག་ལ་འཛོམས།།
བདེ་སྐྱིད་གཡུ་མཚོ་རྒྱས་པའི་རྟེན་འབྲེལ་ལ།།
ཁ་མཚར་དགོད་སྒྲའི་ཉམས་ཤིག་གདོང་ན་གསལ།།
བསོ་ཡ་ལ།
དེ་རིང་བོད་པའི་ལོ་སར་བཟང་།
更多更详尽歌词 在 ※ Mojim.com 魔镜歌词网
དེ་རིང་ལྷན་འཛོམས་ཉིན་མོ་རེད།
ང་ཚོས་མཉམ་དུ་སྐོར་བྲོ་རྩེད།
ང་ཚོས་མཉམ་དུ་གླུ་ཆུང་ལེན།

破晓黎明东方启白时
喜迎新年吉日如宾至
新元首发最美之心愿
令人绽放芬芳花欢颜
嗦呀啦
今日藏历新年好
今是吉祥幸福日
我们大家同欢歌
我们一起同起舞

热烈迎接新春欢乐宴
身穿华丽新衣过大年
喜庆宴会如影而随行
愉快歌舞幸福飘四方
嗦呀啦
今日藏历新年好
今是欢快吉祥日
我们一同去娱乐
我们一起同欢舞

荤素搭配丰盛美食足
父母兄妹欢聚和睦家
福瑞满满如同涨潮海
笑容灿烂幸福挂脸上
嗦呀啦
今日藏历新年好
今是居家欢聚日
我们一同跳锅庄
我们一起唱欢歌