魔镜歌词网
魔镜歌词网 > 男生歌手 > 曲塔 > 野犛牛雄歌 > 嘎萨梅朵永泽

曲塔



歌词
专辑列表

曲塔

嘎萨梅朵永泽

作词:曲塔
作曲:曲塔

སྒ་བཟའ་མེ་ཏོག་ཡང་མཛེས།
གཞས་ཚིག:བསོད་ནམས་ལྷ་མོ།
གཞས་གདངས:ཆོས་དར།
གཞས་པ:ཆོས་དར།
࿄࿄࿄
བདེ་སྐྱིད་ཕུན་སུམ་ཚོགས་པའི་སྐྱེ་དགུ་དོན་འགྲུབ་ལུང་པ།།
སེམས་སུ་རུང་བའི་བུ་མོ་སྒ་བཟའ་མེ་ཏོག་ཡང་མཛེས།།
ཞེ་འཇམ་གཤིས་བཟང་ལྡན་པའི་མེ་ཏོག་ཨུཏྤལ་དྲི་ཅན།།
སྐྱེ་དགུ་དོན་འགྲུབ་ལུང་པའི་སྒ་བཟའ་མེ་ཏོག་་མཛེས།།
更多更详尽歌词 在 ※ Mojim.com 魔镜歌词网
འོ་་་་་་་་་་་་་་ སྒ་བཟའ་མེ་ཏོག་ཡང་མཛེས།།
࿄࿄࿄
ཞལ་ལུས་སྒེག་ཉམས་ལྡན་པའི་ནམ་མཁའི་ལྷ་མོའི་རྣམ་སྤྲུལ།།
སེམས་སུ་རུང་བའི་བུ་མོ་སྒ་བཟའ་མེ་ཏོག་ཡང་མཛེས།།
རིག་པའི་དཔལ་ལ་རོལ་བའི་ཤེས་རབ་ལྷ་མོའི་རྒྱུད་འཛིན།།
སྐྱེ་དགུ་དོན་འགྲུབ་ལུང་པའི་སྒ་བཟའ་མེ་ཏོག་་མཛེས།།
འོ་་་་་་་་་་་་་་ སྒ་བཟའ་མེ་ཏོག་ཡང་མཛེས།།
འོ་་་་་་་་་་་་་་ སྒ་བཟའ་མེ་ཏོག་ཡང་མཛེས།།
སྒ་བཟའ་མེ་ཏོག་ཡང་མཛེས།།