魔镜歌词网
魔镜歌词网 > 男生歌手 > 曲塔 > 野犛牛雄歌 > 野犛牛雄歌

曲塔



歌词
专辑列表

曲塔

野犛牛雄歌

作词:曲塔
作曲:曲塔

འབྲོང་རྒོད་ངར་གླུ།
གཞས་ཚིག།ཉི་མ་ཚེ་རིང།
གཞས་གདངས།ཆོས་དར།
གཞས་པ།ཆོས་དར།
࿄࿄࿄
འབྲོང་བྲེ་སེར་རྫ་ཡི་བདག་པོ་ང།།
བོད་ཁ་བ་ཅན་གྱི་བླ་སྲོག་ཡིན།།
དགུང་ཨ་སྔོན་ཀ་བ་བྲག་རི་བརྟན།།
འབྲོང་བྲེ་སེར་བླ་སྲོག་བྲག་རི་ཡིན།།
རླུང་ལྷགས་པའི་ཁྲོད་དུ་གཏམ་རྒྱུད་བྲིས།།
ལས་ཡ་རབས་མེས་པོའི་སྙིང་སྟོབས་ཡིན།།
ཁ་བུ་ཡུག་ཁྲོད་ནས་མདུན་ལམ་བཙལ།།
更多更详尽歌词 在 ※ Mojim.com 魔镜歌词网
ལམ་མདུན་ལྗོངས་གངས་རྒྱན་མེ་ཏོག་ཡིན།།
ལམ་མདུན་ལྗོངས་གངས་རྒྱན་མེ་ཏོག་ཡིན།།
࿄࿄࿄
ལམ་དཀའ་ངལ་ཆེ་ལ་འཇིགས་པ་མེད།།
རྐང་སུག་བཞི་རྩེ་ལ་རྨིག་པ་ཡོད།།
དགྲ་གཅན་གཟན་བཙན་ཡང་སྐྲག་པ་མེད།།
མགོ་ཀླད་དཀྱིལ་ཐོག་ལ་རུ་ཐུར་ཡོད།།
བདེན་ལུང་པར་བགྲོད་ལ་དཀའ་བ་མེད།།
བློ་ཆོད་སེམས་སྙིང་གི་རུས་པ་ཡོད།།
སྨག་མུན་པ་མཐུག་རུང་ཡ་ང་མེད།།
སྐྱིད་ཉི་མ་ནངས་ཀའི་དཔལ་འབར་ཡོད།།
སྐྱིད་ཉི་མ་ནངས་ཀའི་དཔལ་འབར་ཡོད།།
སྐྱིད་ཉི་མ་ནངས་ཀའི་དཔལ་འབར་ཡོད།།